Skip to content Skip to navigation

ང་ཚོའི་ཡུལ་དང་ང་ཚོའི་མི་དམངས་།

August 17, 2012

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་བསྟན་འཛིན་རིག་གྲོལ་གྱི་གླེང་མོལ།

བཅར་འདྲི་འདི་དབྱིན་ཡིག་དུ་གཟིགས་ན་འདི་རུ་བསྣུན།

བཅར་འདྲི་འདི་རྒྱ་ཡིག་དུ་གཟིགས་ན་འདི་རུ་བསྣུན།

བོད་རིགས་ཞིག་གིས་རང་ཉིད་ཀྱི་ཕ་ཆེད་ལས་གཞི་བརྩམས་པ་དེ་བཙན་བྱོལ་བོད་མའི་ལས་གཞིར་འགྱུར་ཡོད། ཕྱི་ལོ་༢༠༡༡ནང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱེད་པའི་བོད་རིགས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ནས་བོད་ཡུལ་ལུང་པའི་ས་སྤྱི་རྒྱ་ཁྲི་གཉིས་བལ་ཡུལ་གྱི་ས་མཚམས་རྒྱུད་བཙན་བྱོལ་བོད་མིའི་སྡོད་གནས་རྒྱ་གར་རྡ་རམ་ས་ལར་དབོར་འདྲེན་བྱས་ཡོད་པ་དང་། ཕྱི་ཟླ་༡༠པའི་ནང་རྡ་སྟེང་བོད་ཁྱིམ་སློབ་གྲྭར་ཁོང་གིས་བརྩམས་བྱའི་སྟེགས་བུ་ཞིག་བསྐྲུན་པས་བོད་རིགས་ཚོས་བོད་ཡུལ་ལུང་གི་ས་རུ་གོམ་པ་སྤོས་ཐུབས་པའི་མྱོང་ཚོར་བྱུང་ཡོད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་ཤཱ་རན་ཧོམ་ནས་ཕྱི་ལོ་༢༠༡༢ཟླ་༦པའི་ནང་བསྟན་འཛིན་རིག་གྲོལ་དང་གླེང་མོལ་གནང་ཡོད་པའི་དེའི་ཚོག་ཐོ་གཤམ་གསལ།

 

ཤྰ་རོན་ཧོམ།   ཁྱེད་རང་༸རྒྱལ་བ་རིན་པོ་ཆེ་མཇལ་ཁའི་ལྗགས་ལན་རགས་སྐབས་གྲ་སྒྲིག་གནང་ཡག་མ་བྱུང་གསུངས་བ་དེ་གང་འདྲ་ཡིན་ནམ།   མཇལ་ཁའི་ཆེད་བོད་ཆས་གྱོན་པ་ལས་གཞན་གྲ་སྒྲིག་གང་བྱེད་དགོས་སམ།

བསྟན་འཛིན་རིག་གྲོལ།   སྤྱིར་བཏང་གསར་འགོད་པ་ཐུག་སྐབས་ཁོང་ཚོས་དྲི་བ་གང་གཏོང་གི་ཡོད་མེད་ང་ཚོས་ཚོད་དཔག་བྱེད་ཐུབ་ཀྱི་ཡོད།   ཡིན་ནའི་༸གོང་ས་མཆོག་གི་མཇལ་ཁ་དེ་མི་འདྲ་བ་ཞིག་ཡིན།   དེའི་ཆེད་དུ་བསམ་བློའི་གྲ་སྒྲིག་དགོས་པ་དང། དངོས་སུ་མཇལ་དུས་རང་ཉིད་ཀྱི་དོ་སྣང་མི་ལྷོད་པའི་ངང་༸གོང་ས་མཆོག་མཇལ་དུས་ཀྱི་བདེ་སྐྱིད་ཚོར་སྣང་དེ་མྱོང་ཐུབ་པ་བྱེད་དགོས།    ༸རྒྱལ་བ་རིན་པོ་ཆེ་གཟིམ་ཆུང་ནང་ཕེབས་པ་དང་གཡས་གཡོན་ཚང་མ་ཁུ་སིམ་མིར་ཆག་སོང།   ང་རང་སྒེར་གྱི་ངོས་ནས་བཤད་ན་མྱོང་ཚོར་ཧ་ཅང་ཡག་པོ་ཞིག་བྱུང་སོང་།   སྐུ་མདུན་ནས་ཕྱག་མཛུབ་ཞིག་སྟོན་སྐབས་ངས་ཐོག་མར་གང་གནང་ཡག་ཡིན་པ་ཤེས་མ་སོང་།   གང་ཉིད་ནས་ང་ལ་སྐུ་རྩེད་གནང་ཡག་རེད་འདུག་བསམས་བྱུང་། སྐུ་མདུན་ནས་སའི་སྟེང་དུ་བོད་ཡིག་ནང་ “བོད་” ་ཅེས་པའི་ཐ་སྙད་དེ་བྲིས་སྐབས་ངས་དེ་དོན་སྙིང་ཧ་ཅང་ལྡན་པ་ཞིག་མཐོང་བྱུང་།   གང་ཉིད་ནས་བདག་ལ་རང་ཉིད་ཀྱི་ཕ་བཞིན་བསླབ་བྱ་སྐྱོན་གནང་བྱུང་།   བཀའ་སློབ་ཏུ་ང་ཚོས་རྒྱ་མི་རིགས་སྒེར་པ་དང་མཉམ་དུ་ཕན་ཚུན་འབྲེལ་བ་བྱེད་དགོས་པ་དང་།   བོད་དོན་དེ་སྒྱུ་རྩལ་གྱི་ལམ་དང་དེ་མིན་ལས་རིགས་གཞན་བརྒྱུད་ནས་སྤེལ་དགོས་གསུངས་པ་དང་དེ་ནས་ང་ལ་སེམས་ཤུགས་མ་ཆག་ཞེས་བཀའ་སློབ་གནང་བྱུང་།  

ཤྰ་རོན་ཧོམ།   ༸རྒྱལ་བ་རིན་པོ་ཆེས་ཁྱེད་ཀྱི་བརྩམས་བྱ་འགྲེམས་སྟོན་གཟིགས་པར་ཕེབས་ཡོད་དམ།

བསྟན་འཛིན་རིག་གྲོལ།   ༸རྒྱལ་བ་རིན་པོ་ཆེ་བརྩམས་བྱ་འགྲེམས་སྟོན་གཟིགས་པར་ཕེབས་ཐུབས་མེད།

བྱས་ཙང་ང་ཚོས་ས་སྡེར་མ་གང་སྐུ་མདུན་ལ་སྤྱན་འབུལ་ཞུས་པ་ཡིན།   རྗེས་སུ་ངས་སྐུ་མདུན་གྱི་ཕྱག་གཟུགས་ཡོད་པའི་ས་དེ་བརྩམས་བྱ་དང་མཉམ་དུ་འགྲེམས་སྟོན་བྱེད་སྐབས་མི་དམངས་ཚོས་ཕྱག་འཚལ་བ་དང་བྱིན་རླབས་ཞུས་སོང་།

ཤྰ་རོན་ཧོམ།   ལས་གཞི་ཚར་རྗེས་ས་ཡོངས་རྫོགས་མང་ཚོགས་ནས་ཁྱེར་སོང་བས།

བསྟན་འཛིན་རིག་གྲོལ།   ལགས་རེད།   ཉིན་གསུམ་རྗེས་ང་ཚོས་མི་དམངས་ཚོར་ས་འཁྱེར་ཏེ་རང་ཉིད་ནས་གང་གནང་འདོད་ཡོད་པ་གནང་རོགས་ཞུས་པ་ཡིན།    འགའ་ཤས་ཀྱིས་མེ་ཏོག་བཏབས་ཀྱི་ཡིན་གསུངས་ཀྱི་འདུག   ། ཕྱིས་སུ་རྡ་རམ་ས་ལར་འགྲོ་སྐབས་ཁོ་ཚོས་ས་དེ་ག་རེད་བྱེད་ཡོད་མེད་ང་ཤེས་འདོད་ཆེན་པོ་འདུག

ཤྰ་རོན་ཧོམ།   ད་ལྟ་ཟླ་བ་བརྒྱད་ཙམ་སོང་རྗེས་ཁྱེད་ཀྱི་མི་སྒེར་གྱི་འཁྱེར་བའི་ས་དེ་ག་རེད་བྱེད་ཡོད་མེད་ཤེས་རྟོགས་བྱུང་སོང་ངམ་།   གཅིག་བྱས་ན་ཁོང་ཚོར་རང་ཉིད་ནས་པར་རྒྱབ་པ་རྣམས་ཁྱེད་ཀྱི་དྲྭ་རྒྱའི་ནང་བཞག་རོགས་ཞེས་རེ་བ་བྱེད་ཆོག་གི་རེད།

བསྟན་འཛིན་རིག་གྲོལ།   ཐབས་ཤེས་འདི་ཡག་པོ་འདུག   ངས་གང་ཐུབ་བྱེད་ཀྱི་ཡིན།   འགྲེམས་སྟོན་སྐབས་ང་ཚོས་ཁ་པར་གྲ་སྒྲིག་བྱས་ནས་མང་ཚོགས་ནས་འཚོར་བ་བཤད་རྒྱུའི་གོ་སྐབས་ཕུལ་ཡོད། འགའ་ཤས་ཀྱིས་རང་ཉིད་ཀྱི་ཚོར་བ་ཡིག་ཐོག་ཏུ་འཁོད་ཡོད་པ་དང། ཕལ་ཆེར་མི་མང་སྟོང་ཕྲག་གཅིག་ཙམ་གྱིས་དེ་འདྲ་བྱས་འདུག ། དེའི་ནང་བརྒྱ་ཆ་༦༠ཙམ་གྱིས་བོད་ཡིག་ཐོག་བྲིས་པ་དང་དེ་མིན་བརྒྱ་ཆ་༣༠་་་་༤༠ཙམ་གྱིས་དབྱིན་ཡིག་ཐོག་བྲིས་འདུག  ། དེ་རྣམས་བློ་ལ་འཐད་པོ་བྱུང་།    དཔེར་ན་སློབ་ཕྲུག་གཅིག་གིས་དེ་ལྟར་བྲིས་འདུག་   “ང་འཛིན་རིམ་གསུམ་པའི་སློབ་ཕྲུག་ཡིན།   བོད་ཀྱི་སའི་སྟེང་ངས་སློབ་སྦྱོང་ཡག་པོ་བྱེད་རྒྱུའི་དམ་བཅའ་བཞག་གི་ཡིན།” ཡང་གཞན་ཞིག་གིས་ “ང་དགེ་རྒན་ཞིག་ཡིན།   ངས་སློབ་ཕྲུག་ཚོར་སློབ་སྦྱོང་གང་ལེགས་སྤྲད་ཐུབ་པ་བྱེད་ཀྱི་ཡིན།” ཞེས་བྲིས་འདུག་།   ཚོར་བ་འདི་དག་གིས་བློ་སྤོབས་སྤེལ་བྱུང་།   ངས་ཡིག་ཐོག་ཏུ་ཡོད་པའི་བསམ་ཚུལ་ཚང་མ་པར་བཤུས་བརྒྱབ་ཏེ་དེབ་ཞིག་པར་སྐྲུན་བྱེད་ཀྱི་ཡིན།   ཁོང་ཚོའི་པར་དྲྭ་རྒྱའི་ནང་མཇུག་ཡག་བསམ་བློ་དེ་ངས་ཧ་ཅང་ཡག་པོ་མཐོང་སོང་།   དེར་བསམ་བློ་བཏང་ནས་ཏོག་ཙམ་བློ་གཡེངས་སོང། ད་ལྟ་ང་རིག་པ་འདི་བསམ་བློར་འཁོར་བཞིན་འདུག་པས་ངས་སེམས་འཁྱམ་འགྲོ་གི་འདུག

ཤྰ་རོན་ཧོམ།   ངོས་ནས་ཁྱེད་རང་གི་ལས་ཀ་འདི་དགའ་པོ་བྱུང་།   སྤྱིར་ཏང་ནས་སྒྱུ་རྩལ་གྱི་ལས་གཞི་རྣམས་རྒྱུན་རིང་པོ་གནས་ཀྱི་ཡོད་པ་ལྟར་ཁྱེད་ཀྱི་ལས་གཞི་འདི་ཡང་ཡུན་རིང་གནས་པ་ཞིག་འདུག སྒྱུ་རྩལ་བ་གང་ཟག་གཅིག་པོ་མ་ཡིན་པར་ཁྱེད་ཀྱིས་མང་ཚོགས་ནས་ལས་གཞི་འདིར་ཆ་ཤས་ལན་བཅུགས་པ་དང་ཁོ་ཚོའི་མ་འོངས་ཆེད་དམ་བཅའ་བཞག་པ་དེའི་སྒྱུ་རྩལ་ལས་གཞི་འདི་ཡུན་རིང་གསོན་པོ་གནས་པ་ཞིག་དུ་རྒྱུར་ཡོད།

བསྟན་འཛིན་རིག་གྲོལ།   རིག་པ་འདི་ཐོག་མ་འཆར་པ་དང་ཆར་གཞིའི་ཡིག་ཆ་བྲིས་སྐབས་ངས་བསམ་པར་རིག་པ་འདི་ངའི་ཡིན་བསམས་ཤིང་།   ཕྱིས་སུ་ང་སྦྲག་པ་ཁོ་ན་ལྟ་བུ་ཡིན་པ་ཚོར་བྱུང་།   ལས་གཞི་འདི་ང་རང་མི་སྒེར་གཅིག་མ་ཡིན་པར་འདི་ནི་བོད་མི་ཀུན་གྱི་ལས་གཞི་ཞིག་རེད་འདུག   བྱས་ཚང་ངས་ཆར་གཞིའི་ཡིག་ཆ་སྐྱར་དུ་བྲིས་པ་དེའི་ནང་དབྱིན་ཡིག་ཐོག་ང་བྲིས་པ་ཡོངས་རྫོགས་ཡི་གེ་ཆེ་བ་ནས་ཆུང་བར་བསྒྱུར་ཡིན།   མང་ཚོགས་ནས་ཚོས་ལས་གཞི་འདི་དོན་དང་ལྡན་པ་ཞིག་བཟོས་པར་ངས་དོ་སྣང་ཆེན་པོ་བྱུང་།

ཤྰ་རོན་ཧོམ།   མི་དམངས་ཚོའི་ཚོར་བ་དེ་དུས་རྙིང་པའི་དྲན་གསོ་དང་།   དོར་བ་དང་།   བཙན་བྱོལ་གྱི་ཚོར་བ་ཙམ་མ་ཡིན་པར་ཚོར་བ་འདི་ནི་རེ་བ་ལྡན་པ་ཞིག་འདུག   ཁོང་ཚོས་འདི་ལྟར་ལབ་བཞིན་འདུག   “ང་ཚོ་ཚང་མས་ས་འདི་ལས་གང་ཞིག་འཕེལ་རྒྱས་གཏོང་དགོས་འདུག   མི་དམངས་འདིར་མེད་པའི་ཆེད་དུ་ས་ཏོག་ཙམ་ཉར་ཚག་བྱོས།”   མང་ཚོགས་ནས་ཚོར་བ་སྟོན་པ་འདིའི་སྒྱུ་རྩལ་ལས་གཞི་དེ་ད་ལྟ་དངོས་སུ་མེད་ཀྱང་དེ་མུ་མཐུད་དུ་གནས་པའི་དོན་གྱི་ཆ་ཤས་གལ་ཆེན་ཞིག་རེད།

བསྟན་འཛིན་རིག་གྲོལ།   དུས་རྟག་དུ་ང་ཚོ་རྒྱུ་མཚན་ལྡན་པ་ཁོ་ན་རེ་བ་བྱེད་ཀྱི་ཡོད།   འཚམ་རེ་ང་ཚོ་ཚོར་བ་ལྡན་པ་ཡང་ཡིན།   བྱས་ཙང་འཚམ་རེ་ལས་ཞིག་ནུས་ཕན་ལྡན་པ་ཡིན་དུས།   དཔེར་ན་ཆུང་ཙག་བོད་ནས་ས་དབོར་འདྲེན་བྱས་པ་འདི་ཡང་རིག་པའི་གཞུང་ཞིག་ལས་ནུས་པ་ཆེ་བ་ཞིག་དུ་འགྱུར་གྱི་ཡོད།   བོད་མི་རྣམས་རྒྱུ་མཚན་ལྡན་པའི་མི་དམངས་ཞིག་ཡིན།   བོད་མི་ཚོར་བརྗོད་གཞི་གང་ཞིག་ལྕོག་ཙེའི་སྟེང་བཞག་ཀྱང་ཁོང་ཚོའི་ལྟ་ཚུལ་མི་འདྲ་བ་ལྔ་དྲུག་འདོན་པ་དང་བགྲོ་གླེང་བྱས་ཀྱི་རེད། སྤྱིར་བོད་རིགས་མང་ཆེ་བའི་གཟུགས་པོའི་རིང་ཚད་ཕུ་ཀྲི་དྲུག་ལས་ཐུང་བ་ཡོད་ཚད་ངས་སའི་སྡིངས་ཆ་དེ་ཕུ་ཏྲི་དྲུག་བཞག་ཡིན་པས་མང་ཚོགས་ནས་སྡིངས་ཆ་མཐོང་བ་ལས་ས་དེ་མཐོང་མི་ཐུབས།   དེའི་རྐྱེན་གྱི་ཁོང་ཚོས་ས་མཐོང་དུས་འཚོར་བ་ཁོ་ན་ཕྱི་ལ་ཐོན་པ་མ་གཏོག་རང་གི་འཚོར་བ་དགག་རྒྱུའི་དུས་ཚོད་རགས་ཀྱི་མེད།   དམིགས་བསལ་གྱི་ཕྲུ་གུ་ཚོའི་ཚོར་བ་དེ་བཟང་པོ་ཞིག་འདུག   ངས་བསམ་པར་ཁོང་ཚོས་སྐད་ཆ་ཞེ་དྲག་བཤད་མི་ཡོང་བསམ་བྱུང་།   ཡིན་ཡང་ཁོང་ཚོས་སྐད་ཆ་ཧང་ཅང་ཡག་པོ་བཤད་སོང་།   ཕྲུག་གུ་འགའ་ཤས་ལོ་བརྒྱད་དགུ་ཙམ་ཡིན་པ་དང་ཡང་འགའ་ཤས་ཀྱི་ཕྱི་རྒྱལ་བའི་“རེབ་”གཞས་བཏང་བྱུང་བ་དེ་ནི་ཁོང་ཚོའི་སེམས་ལྷད་མེད།   འཚོར་བ་ཆེན་པོ་དང་།   ནུས་པ་ཆེན་པོ་ཡོད་པ་ཞིག་མཐོང་བྱུང།   ཕྲུག་གུ་འགའ་ཤས་ཀྱིས་ས་བཟའ་བ་དང་ཡང་འགའ་ཤས་ཀྱི་རང་གི་གདོང་དང་མགོ་ལ་འཇུག་པ་སོགས་བྱས་པ་དེ་རྩལ་སྣང་ལྡན་པ་ཞིག་ཐོང་བྱུང་།   སྡིངས་ཆའི་སྟེང་བྱ་བ་མང་དག་ཞིག་སྤེལ་བཞིན་འདུག་ན་ངས་གང་ལ་ལྟ་དགོས་ཀྱི་ཡོད་མེད་ཧ་གོ་མི་བྱུང་།

ཤྰ་རོན་ཧོམ།   ཚོར་སྣང་ནུས་པ་ལྡན་པ་ཞིག་ཐོན་པར་ཐབས་བྱུས་དེ་ཤིན་ཏུ་གལ་ཆེན་པོ་ཞིག་རེད།   ཐེངས་ཞིག་ང་ཚོ་ཧོ་ལོ་གྲོ་མོའི་(Holodomor) མྱ་ངན་འདུ་འཛོམས་ཤིག་ཏུ་ཕྱིན་པ་ཡིན། ཧོ་ལོ་གྲོ་མོར་ཕྱི་ལོ་༡༩༣༢་་་༣༣རིང་མིའི་བཟོད་པའི་མུ་གེ་རྐྱེན་གྱི་མི་ས་ཡ་མང་པོ་ལྟོགས་ཤི་རྒྱབ་པ་དང་ཡང་མང་པོ་ཞིག་བྱེ་ཐང་དུ་གྱར་དགོས་བྱུང་སྟེ་འདས་གྲོངས་སུ་འགྱུར་ཡོད། ཁོང་ཚོ་བྱེ་ཐང་དུ་གྱར་བས་སྐབས་རང་ཉིད་ཀྱི་སྡོད་གནས་ནས་ས་འཁྱེར་ཕྱིན་པ་དང་ས་དེ་ཕྱིས་སུ་གང་ཟག་ཞིག་ནས་གང་ཟག་གཞན་ཞིག་དུ་རྩིས་སྤྲོད་བྱེད་ཡོད་པ་དང་འགྲེམས་སྟོན་ཁང་དེ་རྒྱབ་པའི་སྐབས་མི་སྒེར་ལ་ཡོད་པའི་ས་བསྡུ་རུབ་བྱས་པ་རེད།   ད་ལྟ་ས་བསྡུ་རུབ་བྱེད་པ་དེ་ཉི་འོད་ཕོག་པའི་ཤལ་གྱི་སྣོད་ཞིག་ནང་བཞག་འདུག

ཁྱེད་རང་གི་ལས་གཞི་འདི་སྤྱིར་སེམས་འགུལ་ཐེབས་པའི་རྒྱུ་གཙོ་བོ་ཞིག་ཁྱེད་རང་གི་པཱ་ལགས་ཆེད་དུ་བོད་ཀྱི་ཆ་ཤས་ཤིག་འཕུལ་འདོད་ཡོད་པ་དེ་ཡིན་པ་ངས་ཤེས་སོང་།   ཡིན་ཡང་ང་ཚོ་གཉིས་ད་ལྟ་སྐད་ཆ་བཤད་པའི་སྐབས་ཁྱེད་རང་གི་ལས་གཞི་འདི་ནུས་པ་ལྡན་པ་དང་བྱེ་བྲག་པ་ཞིག་ཡིན་པ་ཤེས་ཐུབ།   སྤྱིར་བོད་ཀྱི་སྐད་དང་རིག་གཞུང་ཉམས་རྒུད་ཕྱིན་ཡོད།   ཡིན་ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ཁྱེད་རང་གི་བསམ་པར་བོད་དེ་ད་ལྟ་གསོན་པོ་ཡོད་པ་དང་།   ཁྱེད་ཀྱི་ལས་གཞི་འདིའི་བོད་དེ་གསོན་པོ་ཡིན་པ་མ་ཟད་བོད་མིའི་སྙིང་དང་སེམས་ཤུགས་ནང་གནས་ཡོད་པ་མངོན་ཐུབ་ཀྱི་འདུག་གམ།

བསྟན་འཛིན་རིག་གྲོལ།   རེད།   རེད།   བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བསམ་ཚུལ་ལ་བོད་མི་རྣམས་ཕྱིའི་སྟོབས་ཤུགས་རྒྱ་ནག་སྲིད་གཞུང་རྐྱེན་གྱིས་ལྡོག་རྩ་གཅིག་བསྒྲིལ་ངང་གནས་ཐུབ་པ་བྱུང་ཡོད།   ཡིན་ཡང་ད་ལྟའི་ཆར་གཅིག་བསྒྲིལ་དེ་རྒྱལ་རབས་ཀྱི་གཅིག་བསྒྲིལ་རེད།   འདི་ནི་སྤུན་མཆེད་དང་དགའ་ཉེ་ཡོད་པ་རྣམས་ཁོང་ཚོ་མཉམ་དུ་ཡོད་པས་སྐབས་བདེ་སྐྱིད་གང་འདྲ་ཡོད་པ་སྐོར་སྐད་ཆ་བཤད་པ་ནང་བཞིན་རེད།   བོད་ནང་གི་བོད་མི་མང་པོ་ཞིག་གི་ངའི་ལས་གཞི་འདི་མཐོང་ཐུབས་འདུག

ཤྰ་རོན་ཧོམ།   རྒྱ་ནག་ཕྱི་ནང་གཉིས་ཀྱི་ཧན་མི་རིགས་ནས་བསམ་ཚུལ་བྱུང་སོང་ངམ།

བསྟན་འཛིན་རིག་གྲོལ།   ངོས་ནས་སྒྱུ་རྩལ་བ་རེ་གཉིས་སེམས་འགུལ་ཆེན་པོ་ཐེབས་པ་ཧ་གོ་བྱུང་།   ཁོང་ཚོའི་རང་གི་གྲོགས་པོ་རྣམས་ལ་ངས་ལས་གཞི་འདི་ལྟ་བར་སྐུལ་སློང་བྱས་འདུག   ཁོང་ཚོས་བོད་མི་རྣམས་ཀྱི་ཚོར་བ་ཤེས་ཀྱི་འདུག   །ཡིན་ཡང་རང་གི་ལུང་པ་ཁ་བྲལ་བ་དང་དེའི་ཚོར་བ་དངོས་སུ་མཐོང་ཐུབ་པ་དེ་མི་འདྲ་བ་ཞིག་ཡོད།   ཡིན་ཡང་མང་པོ་ཞིག་གིས་གསར་འགྱུར་བརྒྱུད་ལམ་ཁག་ནང་ལས་གཞི་འདི་མཐོང་བ་དེ་དགའ་བོ་བྱེད་ཀྱི་མི་འདུག   གསར་འགྱུར་བརྒྱུད་ལམ་ཞིག་གི་ནང་ས་དབོར་འདྲན་བྱེད་མཁན་གྱི་“རྒྱ་གར་མི་”ཞེས་ཁ་རྡུང་ཞེ་དྲག་བཏང་འདུག   ཁོང་ཚོའི་བསམ་པར་ང་རྒྱ་གར་བ་ཞིག་རེད་བསམས་འདུག   མང་པོ་ཞིག་གི་དོན་དག་མགོ་ཚོད་མི་འདུག ཁོ་ཚོའི་ས་དགོས་ན་ང་ཚོས་སྤྲོད་ཆོག་བཤད་འདུག

ཤྰ་རོན་ཧོམ། ང་ཚོས་བོད་རིགས་གཞོན་སྐྱེས་འགའ་ཤས་མཉམ་ཕྱི་རྒྱལ་དུ་གནས་པའི་ཧན་རིགས་གཞོན་སྐྱེས་ཙམ་མ་ཟད་རྒྱ་ནག་ནང་གི་གཞོན་སྐྱེས་རྣམས་ལ་ནུས་ལྡན་ཐོག་འབྲེལ་བ་བྱེད་དགོས་པ་གལ་གནད་ཆེན་པོ་ཡིན་སྐོར་གྲོས་མོལ་བྱུང་སོང།   རྒྱ་གཞུང་ནས་རྫུན་གཏམ་དྲིལ་བསྒྲགས་རྐྱེན་གྱིས་ཕྱི་རྒྱལ་དུ་གནས་པའི་རྒྱ་རིགས་གཞོན་སྐྱེས་ནས་ཁྱེད་ཀྱི་ལས་གཞི་འདི་ “ང་ཚོའི་ཡུལ་དང་ང་ཚོའི་མི་དམངས་”ཞེས་མིང་བཏགས་པར་ཐོག་མར་འགོག་རྒོལ་བྱུང་སོང་ན།   གལ་ཏེ་རྒྱ་རིགས་སློབ་ཕྲུག་དེ་ཚོར་ཐད་ཀར་སྐད་ཆ་བཤད་ཐུབ་ཚེ་ཁྱེད་ཀྱི་གང་བཤད་དམ།  

བསྟན་འཛིན་རིག་གྲོལ།   དང་ཐོག་གློག་བརྙན་འདི་ཕར་བཞག་པས་ཐོག་སྤྱིར་ངས་རྒྱ་རིགས་གྲོགས་པོ་ཚོ་ཐུག་པས་སྐབས་ཁོང་ཚོར་ང་ལ་ཡིད་ཆེས་མ་བྱེད།   ངས་ཁྱེད་རང་ཚོར་དངུལ་བཀྲམ་གྱི་ཕྱོགས་གཅིག་བཤད་ཀྱི་ཡོད་པས་ཁྱེད་ལ་ཕྱོགས་གཞན་དེ་ཡོད།  ངས ང་རང་གི་སྒྲུང་བཤད་པ་དེར་གདེང་ཚོད་གཙང་མ་ཡོད།   ཀྲམ་ཀའི་ཕྱོགས་གཞན་དེ་ཁྱེད་ཀྱི་སར་ཡོད་པ་དང་ཁྱེད་ལ་རང་ཉིད་ཀྱི་བློ་གྲོས་ཡང་ཡོད་པ་དེ་ངས་གུས་ཞབས་ཞུ་ཡི་ཡོད།   བྱས་ཙང་ཁྱེད་ཉིད་ནས་བློ་གྲོས་དེར་གུས་ཞབས་ཞུས་པ་དང་ཞིབ་འཇུག་བྱས་ཏེ་རང་གི་ཐག་གཅོད་ཞུས་ཀྱི་ཡོད།

ཤྰ་རོན་ཧོམ།   ང་ཚོ་གཉིས་ནས་ཕྱི་ལོ་༢༠༡༠ཟླ་༡༢་པའི་ནང་ཁྱེད་དང་ཛང་ཧོང་ཏུ་ (Zhang Hongtu) གཉིས་ནས་ལེའུ་ཤའོ་བོ་ (Liu Xiaobo) ཆེད་ལས་གཞི་བརྩམས་པ་དེ་སྐོར་གླེང་སློང་བྱུང་མ་སོང་།   ཧོང་ཏུས་ཁྱེད་ཀྱི་སྒྱུ་རྩལ་བརྩམས་བྱ་རྣམས་དགའ་བོ་བྱེད་ཀྱི་འདུག ང་ཚོ་ཁྱེད་གཉིས་ཀྱི་ལས་གཞི་དེ་ཧ་ཅང་དགའ་བོ་བྱུང་གང་ཡིན་ཟེར་ན་རྒྱ་རིགས་དང་བོད་རིགས་གཉིས་མཉམ་རུབ་ཐོག་གཅིག་གི་གཅིག་ལས་སྦྱོང་སྟེ་གསར་གཏོད་ཅིག་བྱེད་ཐུབ།

བསྟན་འཛིན་རིག་གྲོལ།   ཧོང་ཏུ་ནི་སྒྱུ་རྩལ་བ་གཟེངས་སུ་ཐོན་པ་ཞིག་རེད།  རྒྱ་རིགས་སྒྱུ་རྩལ་བ་ཞིག་མཉམ་རང་ཉིད་ལས་ཀ་བྱེད་ཡག་བྱུང་པ་འདི་ནི་ཐེངས་དང་པོ་ཡིན།   ང་རང་ཁོང་དང་མཇལ་འཕྲད་བྱུང་བ་དེ་ཆེ་བསྟོད་ཆེན་པོ་ཞིག་ཚོར་བྱུང་།   ང་རང་རྒྱ་རིགས་གཞོན་སྐྱེས།   གཞོན་སྐྱེས་ཙམ་མ་རེད་རྒྱ་རིགས་ཚང་མ་དང་ཐུག་འདོད་འདུག   ཁོང་ཚོས་ང་ཚོའི་ཐོག་གང་བསམ་གྱི་ཡོད་པ་དང་ཚོར་གྱི་ཡོད་པ་ཤེས་པའི་ཆེད་དུ་ཡིན་མ་ཟད་ང་ཚོའི་སྒྲུང་དེ་ཡང་བཤད་ཐུབ་རྒྱུའི་ཆེད་དུ་ཡིན།

ཤྰ་རོན་ཧོམ།   ད་ག་རང་རེད།   ང་ཚོས་རྫུན་གཏམ་དྲིལ་བསྒྲགས་ཀྱི་གྱང་དེའི་རྐྱེན་གྱི་མི་དམངས་ཕན་ཚུན་ངོ་ཤེས་མི་ཐུབ་པ་དང་གོ་ཐོས་བྱུང་གི་མེད།   ཁྱེད་ཀྱི་ལས་གཞི་འདིའི་མི་དམངས་རྣམས་ནས་འཚོར་བའི་བདེན་པ་དང་ཕན་ཚུན་ངོ་ཤེས་ཀྱི་གོ་སྐབས་ཞིག་བསྐྲུན་ཐུབ་ཀྱི་འདུག

བསྟན་འཛིན་རིག་གྲོལ།   མི་ཚང་མས་རྒྱལ་ཁབ་འདི་དང་དེ་མ་ཡིན་པར་རང་ཉིད་ཀྱི་སྒྲུང་བཤད་ཀྱི་འདུག་ན་དེའི་མི་དམངས་ཕན་ཚུན་འབྲེལ་བ་མཐུད་ཐུབ་ཀྱི་འདུག

ཤྰ་རོན་ཧོམ།   ཁྱེད་རང་གི་ལས་གཞི་འདི་འགོ་བཙུགས་པས་སྐབས་རེ་བ་གང་བྱས་པ་ཡིན་ནམ།   གང་ཤེས་སོང་ངམ།

བསྟན་འཛིན་རིག་གྲོལ།   ང་ལ་གོམས་གཤིས་ངན་པ་ཞིག་ཡོད།   གལ་ཏེ་ང་ལ་རིག་པ་ནུས་ལྡན་ཞིག་འཁོར་བའི་སྐབས་དཔེར་ན་རྩོམ་བྲིས་དང་བསྒྱུར་བྱ་ཡང་དེ་མིན་ཅི་ཡིན་རུང་དེ་ན་ངས་ལས་རིགས་གཞན་ཅི་ཡང་བྱས་མི་ཐུབ།   རིག་པ་འདི་ངའི་པཱ་ལགས་ཆེད་དུ་འཁོར་བ་ཡིན་དུས་ངའི་པཱ་ལགས་ཀྱི་བག་ཆག་ཤུགས་ཆེ་ཡོད།   ཡིན་ཡང་ངའི་པཱ་ལགས་གཅིག་པོ་མ་རེད།   ཁོང་གིས་ང་མ་འདས་གོང་བོད་ལ་འགྲོ་འདོད་འདུག་གསུངས་ཀྱི་ཡོད།   ཁོང་རྒྱལ་ཁབ་ཞིག་གི་མངའ་འབངས་མ་ཡིན་པ་དང་མངའ་འབངས་མ་ཡིན་པའི་ཐོག་འདས་གྲོངས་སུ་འགྱུར་ཡོད།   བྱས་ཙང་ངའི་བསམ་པར་གལ་ཏེ་ཁོང་བོད་མི་གཞན་ལྟ་བུ་བོད་དུ་འགྲོ་མ་ཐུབ་པ་བྱུང་ཚེ་ངས་བོད་ཡུལ་གྱི་ཆ་ཤས་ཤིག་ཁོང་གི་སར་འཁྱེར་ཡོང་དགོས་རྒྱུའི་བསམ་བློ་འཁོར་བྱུང།   ངས་མི་དམངས་ནས་ལས་གཞིར་ཚོར་ཚུལ་གང་འདྲ་ཐོན་མིན་ཐོག་བསམ་བློ་གཏོང་མེད།   ངས་ལས་གཞི་འདི་འགྲུབ་ཆེད་བསམ་བློ་ཁོ་ན་བཏང་བ་དང་། སྤྱིར་ལས་གཞི་འདི་རིགས་གྲུབ་ཐུབ་པར་རོགས་མི་ཡིད་ཆེས་བརྟན་པོ་ཡོད་རྒྱུ་གལ་ཆེན་ཡིན་པས་ངས་རོགས་མིར་ལས་གཞི་འདིར་ཡིད་ཆེས་བརྟན་པོ་ཡོད་མཁན་ཁོ་ན་མཉམ་ཞུགས་བྱེད་བཅུགས་པ་ཡིན།   རྒྱུ་མཚན་ཁོ་ནའི་ངང་བལྟ་ན་ཐག་རིང་འགྲོ་མི་ཐུབ། ལས་གཞི་འདི་བསམ་བློ་འཁོར་བ་ནས་དོན་ལ་མ་འཁྱོལ་བར་ཁྱོན་བསྡོམས་ཟླ་བ་བཅུ་བདུན་འགོར་བ་དང་དེའི་རིང་ལམ་ལྷོང་བྱུང་བ་འདི་ང་རང་བསོད་ནམས་ཅན་ཡིན་བསམ་གྱི་འདུག

ཤྰ་རོན་ཧོམ།   སྒྱུ་རྩལ་གྱི་བརྩམས་བྱ་རྣམས་རང་བཞིན་གྱི་སྲོག་ཞིག་ལན་གྱི་ཡོད། ཁྱེད་རང་གི་བརྩམས་བྱ་དེ་བརྩམས་བྱ་གཞན་ལས་མི་འདྲ་བ་ཞིག་ཡོད་དམ།

བསྟན་འཛིན་རིག་གྲོལ།   ཡོད་མ་རེད།   ང་རང་གི་བརྩམས་བྱར་ང་རང་དགའ་ཞེན་བྱེད་ཀྱི་ཡོད་ཀྱང་སྒྱུ་རྩལ་བ་གཞན་ལྟ་བུ་དགའ་ཞེན་བྱེད་ཀྱི་མེད།   སྤྱིར་ལས་གཞི་སྒྲུབ་པའི་བདུན་ཕྲག་གཅིག་ཙམ་རྗེས་སུ་ངས་དེ་ལེགས་བཅོས་གང་འདྲ་གཏོང་དགོས་པ་དང་དེ་ལས་ལྷག་པ་བྱས་ཐུབ་པ་མཐོང་གི་འདུག   སྒྱུ་རྩལ་གྱི་བརྩམས་བྱ་སྒྲིག་ཤོམ་མ་བྱས་གོང་གི་མཚན་མོར་ངར་སེམས་ཁྲལ་བྱུང་།   མང་ཚོགས་ཡོང་གྱི་ཡོད་མིན་དང་།   མང་ཚོགས་ནས་བུ་འདི་སྨྱོན་པ་མིན་ནམ་བསམ་སྲིད་པ་རེད།   མང་ཚོགས་སྟོང་ཕྲག་མང་པོ་མཉམ་ཞུགས་བྱེད་པ་དང་ཁོང་ཚོའི་ལས་གཞི་འདིར་རང་ཉིད་སྒེར་གྱི་གནས་ཚུལ་ཡོད་པས་ང་དངངས་འཚབ་སྐྱེས་བྱུང་།   ཉིན་གསུམ་པར་ས་ཡོངས་རྫོགས་འཁྱེར་ཏེ་ཤུལ་ཙམ་ཡང་མི་འདུག    གཙང་མ་གཙང་ཀྱང་འགྱུར་འདུག  

ཤྰ་རོན་ཧོམ།   ང་ཚོའི་དྲ་རྒྱའི་ཐོག་རྒྱ་ནག་ནང་གི་ཐོབ་ཐང་གླེང་བསྟེགས་ (China Rights Forum online) དེ་ཡང་བྱ་སྤྱོད་ལྡན་པའི་གླེང་བསྟེགས་ཞིག་བསྐྲུན་པ་དང་མི་དམངས་ནས་རང་གི་ས་འཁྱེར་བ་ལྟ་བུའི་མཉམ་བཞུགས་བྱེད་ཐུབ་པའི་ཀུན་སློང་བྱེད་ཀྱི་ཡོད།   ཁྱེད་ཉིད་ནས་རྒྱ་སྐད་བཤད་མཁན་ཡང་ན་མི་དམངས་གཞན་ཚོར་གང་གསུངས་ཡག་ཡོད་དམ།

བསྟན་འཛིན་རིག་གྲོལ།   ངས་གང་བཤད་དགོས་མིན་ཤེས་མ་སོང་།   བརྙན་འཕྲིན་འདི་གཟིགས་པར་ཐུགས་རྗེ་ཆེ།   ང་རང་དགའ་པོ་བྱུང་བ་དང་ཆེ་མཐོང་ཞེ་དྲག་འཚོར་བྱུང་།   ངོས་ནས་རྒྱ་ནག་སྐོར་ཤེས་རྒྱུ་དང་རྒྱ་རིགས་གྲོགས་པོ་དང་གྲོགས་པོ་གཞན་མང་པོ་བཟོས་ཐུབ་པས་གོམ་པ་དང་པོ་དེ་ངོས་འཛིན་བྱེད་ཀྱི་ཡོད་།   གལ་སྲིད་ཁོང་ཚོས་གནད་དོན་མགོ་མ་ཚོད་ན་ངོས་ནས་བརྙན་འཕྲིན་འདི་སྟོན་ཏེ་ང་ཚོ་གྲོགས་པོ་བྱེད་ཆོག་བཤད་ཀྱི་ཡིན།   ང་འདི་གར་སྐད་བཏང་བར་ཐུགས་རྗེ་ཆེ།